pechajobs / Admin

1 stars 3 forks source link

RFC006 བྱེད་ནུས་གསལ་བྱེད་ཀྱི་གོ་དོན་ལ་བསྐྱར་ཞིབ་དང་། གོ་བདེ་པོ་བཟོ་བ། བོད་པའི་འཚོ་བ་དང་མཐུན་པ་བཟོ་རྒྱུ་བཅས་ཡིན། #47

Open norbungawang opened 2 years ago

norbungawang commented 2 years ago

RFJ link: https://github.com/pecha-jobs/Admin/issues/42

Job owner's GitHub username: @wangmotamotsang

Team lead's GitHub username: @norbungawang

Teammates' GitHub usernames: ?

1. བརྡ་ཆད་ངོ་སྤྲོད། Keyword definitions

Copy definitions from RFJ (section two). Define any new or important concepts from your answers below. བྱེད་ནུས་གསལ་བྱེད། CEFR གྱི་རེའུ་མིག་གི་སྒམ་རེ་རེ་བྱེད་ནུས་གསལ་བྱེད་རེ་རེར་བརྩིས་ཀྱི་རེད། ཡང་ན་Github ཡིག་ཆའི་ཐིག་ཕྲེང་རེ་རེ་བྱེད་ནུས་གསལ་བྱེད་རེ་རེར་བརྩིས་ཀྱི་རེད། དཔེར་ན། གཤམ་གསལ་གྱི་དཔར་རིས་ནང་བྱེད་ནུས་གསལ་བྱེད་གསུམ་ཡོད།

image ༢༠༢༠ ལོའི་CEFR ཡིག་ཆ། དྲ་ཐག

2. Summary

Copy from the RFJ. སྐད་ཡིག་གཉིས་པ་སྦྱོང་མཁན་དང་སློབ་མཁན་ཚོར་གནས་ཚད་ཀྱི་ཚད་གཞི་འཇལ་ཐུབ་ཆེད། དབྱིན་᫗ᨑᨵ་ཐོག་གི་བྱེད་ནུས་གསལ་བྱེད་རྣམས་ཀྱི་བོད་སྒྱུར་དེའི་གོ་དོན་ལ་བསྐྱར་ཞིབ་དང་། གོ་བདེ་པོ་བཟོ་བ། ད་དུང་བོད་པའི་འཚོ་བ་དང་མཐུན་པ་བཟོ་རྒྱུ་བཅས་ཡིན།

3. གྲུབ་འབྲས་ཚད་ལྡན་ངོ་སྤྲོད། Definition of Acceptable End Result

4. Approach and reason for choosing it.

 *ཐབས་ལམ།**  གསུམ་པ། གོ་སླ་པོ་ཡོད་མེད་ཆེད་དུ། Pre A1ᨵᨑ་ᨵ᪄ས་ཚད་དེ་ཕྲུ་གུ་ལོ་ན་དགུ་དང་བཅུ་ལ་སོན་པ་དག་གིས་གོ་ཐུབ་མིན་བལྟ་རྒྱུ་དང་། Aསྡེ་ཚན་གྱི་གནས་ཚད་དེ་ཕྲུ་གུ་ལོ་ན་བཅུ་གཅིག་བཅུ་གཉིས་ལ་སོན་པ་དག་གིས་གོ་ཐུབ་མིན་ལ་བལྟ་རྒྱུ། Bསྡེ་ཚན་གྱི་གནས་ཚད་དེ་ཕྲུ་གུ་ལོ་ན་བཅུ་གསུམ་བཅུ་བཞིར་སོན་པ་དག་གིས་གོ་ཐུབ་མིན་བལྟ་རྒྱུ། Cསྡེ་ཚན་གྱི་གནས་ཚད་དེ་ཕྲུ་གུ་ལོ་ན་བཅོ་ལྔ་བཅུ་དྲུག་ལ་སོན་པ་དག་གིས་གོ་ཐུབ་མིན་ལ་བལྟ་རྒྱུ་ཡིན།  བཞི་པ། དབྱིན་སྐད་མི་ཤེས་པ་གང་ཞིག་ལ་བོད་ཡིག་གི་གནས་ཚད་ཀྱང་དེ་ཙམ་ཡག་པོ་མེད་མཁན་ཞིག་གིས་ཀློག་ནས་གོ་ཐུབ་མིན་བལྟ་བ་བཅས་ཀྱི་རིམ་པའི་ཐོག་ནས་མཐའ་འབྲས་ལེགས་པོ་ཞིག་ཡོང་ཐབས་བྱེད་རྒྱུ་ཡི᪄། 

5. Alternative Approaches

What other approaches did you consider before choosing your approach to this job? Why didn’t you choose them?

  1. ཐབས་ལམ། དབྱིན་ཇི་ཤེས་མཁན་ཞིག་གིས་བཀླགས་ནས་དབྱིན་ཇི་མི་ཤེས་མཁན་བོད་ཡིག་ཡག་པོ་ཡོད་མཁན་ཞིག་ལ་འགྲེལ་བཤད་བརྒྱབ་རྗེས། དབྱིན་ཇི་མི་ཤེས་མཁན་བོད་ཡིག་ཡག་པོ་ཡོད་མཁན་དེས་ངག་ཐོག་ནས་བོད་ཡིག་ཐོག་ཏུ་འབེབ་རྒྱུ། ཐབས་ལམ་འདི་མི་བདམས་པའི་རྒྱུ་མཚན། ཐབས་ལམ་འདི་ཐབས་ལམ་གཞན་པ་དག་ལས་ཏོག་ཙམ་ཡག་པ་འདུག་མོད། མི་འདིའི་རིགས་མཁོ་སྒྲུབ་བྱེད་པར་དཀའ་ལས་འདུག ད་དུང་དབྱིན་ཇི་ཤེས་མཁན་དང་དབྱིན་ཇི་མི་ཤེས་རུང་བོད་ཡིག་གནས་ཚད་ཡག་པོ་ཡོད་མཁན་ཞེས་ཕྱོགས་གཉིས་པའི་མི་ཆ་བསྡུ་རུབ་བྱེད་དགོས་ན་མི་མང་བ་ཡོᩏ་ངེས་པས་འགྲོ་སོང་ཐད་ནས་ལྡབ་འགྱུར་རེད་འདུག
  2. ཐབས་ལམ། དབྱིན་ཇི་ཤེས་མཁན་ཞིག་གིས་བཀླགས་ནས་དབྱིན་ཇི་མི་ཤེས་པ་གང་ཞིག་ལ་བོད་ཡིག་གི་གནས་ཚད་ཀྱང་ཡག་པོ་མེད་མཁན་ཞིག་གིས་གང་གོ་བ་དེ་ཡི་གེར་ཕབ་ནས། བོད་ཡིག་གི་གནས་ཚད་ཡག་པོ་ཡོད་མཁན་ཞིག་གིས་ཞུ་དག་གཏོང་རྒྱུ། ཐབས་ལམ་འདི་མི་བདམས་པའི་རྒྱུ་མཚན། ཐབས་ལམ་འདི་ཁྱོན་ནས་ཡག་པོ་མི་འདུག་ཕྱོགས་གཉིས་པར་དཀའ་ངལ་འཕར་མ་རེད་འདུག རྒྱུ་མཚན་ནི་CEFRམགོ་མ་འཚོས་པས་འགྲེལ་བཤད་རྒྱག་པར་དུས་ཚོད་མང་པོ་གཏོང་དགོས་པ་དང་གཅིག དེ་ནས་ཁོང་དབྱིན་ཇི་མི་ཤེས་པ་གང་ཞིག་ལ་བོད་ཡིག་གི་གནས་ཚད་ཀྱང་ཞན་པས་སྡེབ་སྦྱོར་དང་། དག་ཆ། ཐ་སྙད་བདམས་གསེས་བཅས་ཀྱི་ཐད་ནས་དཀའ་ཁག་འཕྲད་ནས་ཕྱིས་སུ་ཞུ་དག་གཏོང་མཁན་ལ་དཀའ་ངལ་འཕར་མ་རེད་འདུག དེ་མིན་འགྲོ་གྲོན་ཡང་འཕྲོ་བརླག་འགྲོ་ཉེན་ཆེ་འདུག
  3. ཐབས་ལམ། སྒྱུར་བ་པོས་བསྒྱུར་ཚང་བ་དེ་སྐད་སྒྱུར་བྱེད་མཁན་ཞིག་གི་ལག་ཏུ་བརྩིས་སྤྲད་ནས་ཞུ་དག་བྱེད་རོགས་ཟེར་རྒྱུ། ཐབས་ལམ་འདི་མི་བདམས་པའི་རྒྱུ་མཚན། སྒྱུར་གྱི་སྤུས་ཚད་གང་ཙམ་ཡོང་གི་འདུག་མོད། འོན་ཀྱང་རང་རེའི་སྤྱི་ཚོགས་ཁྲོད་སྐད་སྒྱུར་བ་དཀོན་པས་མི་རག་གི་མི་འདུག་ལ། རེ་ཟུང་ཡོད་པ་དག་ལའང་གླ་ཕོགས་ཆེན་པོ་སྤྲད་ན་མ་གཏོགས་དུས་ཚོད་གཏོང་རོགས་བྱེད་ཀྱི་མི་འདུག
  4. ཐབས་ལམ། སྐད་སྒྱུར་ཞིག་གིས་གང་གོ་སླ་སླ་ངང་ནས་ཕྲུ་གུ་ལོ་ན་བཅུ་ལ་སོན་པ་ཞིག་ལ་འགྲེལ་བཤད་ཡག་པོ་བརྒྱབ་རྗེས། ཕྲུ་གུ་དེས་གང་གོ་བ་དེ་ཡིག་ཐོག་ཏུ་ཕབ་ནས་ཞུ་དག་བྱེད་རྒྱུ། ཐབས་ལམ་འདི་མི་བདམས་པའི་རྒྱུ་མཚན། དང་པོ། ལོ་ཚད་འདི་ཅན་གྱི་བྱིས་པ་རྣམས་ནི་སློབ་གྲྭར་འགྲོ་གིན་ཡོད་པས་ཕྲུ་གུ་རག་གི་མི་འདུག གཉིས་པ། ལོ་འདི་ཅན་གྱི་བྱིས་པ་ཚོར་སྤྱི་ཡོངས་ནས་མཐོང་རྒྱ་ཐོས་རྒྱ་དེ་ཙམ་མེད་པས་ཁོང་ཚོར་CEFRགྱི་བྱེད་ནུས་རྣམས་འགྲེལ་བཤད་བརྒྱབ་རུང་མགོ་འཚོས་རོᨵས་མ་བྱེད་པས་དུས་ཚོད་མང་པོ་ཆུད་ཟོད་དུ་འགྲོ་གི་འདུག གསུམ་པ། དག་ཆ་དང་ཚིག་སྦྱོར་སོགས་གང་ཅིའི་ཐད་ནས་སྐྱོ་བོ་འདུག་པས་ཞུ་དག་བྱེད་པར་དུས་ཚོད་མང་པོ་འགོར་གྱི་འདུག
  5. ཐབས་ལམ། སྒྱུར་བ་པོས་བསྒྱུར་ཚར་བ་དེ་བསྐྱར་དུ་དབྱིན་བོད་ཚད་ལྡན་ཤེས་མཁན་གྱི་ཡིག་སྒྱུར་བ་ཞིག་གི་ལག་ཏུ་སྤྲད་ནས་གོ་དོན་ལ་ཞུ་དག་བྱེད་རྒྱུ། ཐབས་ལམ་འདི་མི་བདམས་པའི་རྒྱུ་མཚན། ང་ཚོས་ཐབས་ལམ་འདིར་རེ་བ་ཆེན་པོ་བཅངས་ནས་དབྱིན་བོད་ཚད་ལྡན་ཤེས་མཁན་གྱི་ཡིག་སྒྱུར་བ་ཞིག་འཚོལ་གང་ཐུབ་བྱས་ཏེ། མཐར་ང་ཚོའི་ལས་བྱེད་འགའ་ཤས་ཀྱིས་གདེང་འཇོག་བྱ་སའི་ཉུང་མཐར་ལོ་གཉིས་ཙམ་གྱི་ཉམས་མྱོང་ལྡན་པའི་ཡིག་སྒྱུར་བ་ཞིག་རག་ནས་ཐོག་མའི་ཚོད་ལྟ་བྱས་ཡིན་ཏེ། ཡིན་ནའང་ཁོང་ལ་CEFRགྱི་རྒྱབ་ལྗོངས་ལ་རྒྱུས་མངའ་མེད་པས་ཡིན་᪄᪱་ཡང་ན་དབྱིན་ཡིག་གི་གནས་ཚད་གིས་གདང་གི་མེད་ན། གང་ལྟར་དབྱིན་ཡིག་གི་ནང་དོན་ཐད་ནས་གོ་བ་ཏག་ཏག་ལོན་མེད་པས། བསྐྱར་དུ་ལས་ཀ་འཕར་མ་ཆགས་ཉེན་བསམས་ནས་ཐབས་ལམ་འདི་བདམས་མེད།

6. ལས་ཀ་སྤྱིའི་རིམ་པ། Milestones

7. རིམ་པ་སོ་སོའི་གྲུབ་འབྲས་ཚད་ལྡན་གྱི་དཔེ་མཚོན་དང་ལག་ལེན་གྱི་དྲན་ཐོ།

_བོད་བསྒྱུར་ཚད་ལྡན་གྱི་ཚད་གཞི། ཚིག་སྒྲུབ་གང་ཐུང་ཐུང་། བསྟན་བཅོས་ཀྱི་ཐ་སྙད་མཁྲེགས་པོའི་རིགས་བཀོལ་སྤྱོད་བྱེད་མི་རུང་བ། ཆེད་དུ་རིག་གནས་མ་སྦྱོང་མཁན་ཞིག་ལའང་བདེ་བླག་ངང་རྟོགས་ཐུབ་པ་ཞིག་དགོས་པ། ཡིག་ཆའི་ཨ་མ་ནས་ཐད་བསྒྱུར་མ་ཡིན་པར་དོན་བསྒྱུར་ལ་གཙོ་གནད་བྱེད་དགོས་པ། Pre-A1_Can recognize familiar words/signs accompanied by pictures, such as a fast-food restaurant menu illustrated with photos or a picture book using familiar vocabulary. _ཐད་བསྒྱུར་གྱི་དཔེ་མཚོན། Pre-A1_རྒྱུས་མངའ་ཅན་གྱི་ཐ་སྙད་བེད་སྤྱད་ཡོད་པའི་པར་རིས་དེབ་བམ། ཡང་ན་པར་གྱི་ལམ་ནས་བསྟན་པའི་མགྱོགས་ཟས་ཟ་ཁང་གི་ཟས་དེབ་ལྟ་བུ་པར་རིས་ཀྱིས་རམ་འདེགས་བྱེད་པའི་རྟགས་དང་རྒྱུས་མངའ་ཡོད་པའི་ཚིག་དག་ངོས་འཛིན་བྱེད་ཐུབ། _དོན་བསྒྱུར་གྱི་དཔེ་མཚོན། Pre_A1 ངས་སྔོན་མ་ནས་རྒྱུས་ཡོད་པའི་ཚིག་གམ་ལམ་རྟགས་དང་སྒོ་རྟགས་ཀྱི་ཡི་གེ་པར་རིས་དང་མཉམ་དུ་ཡོད་ན་ངོས་འཛིན་བྱེད་ཐུབ་ཀྱི་ཡོད། དཔེར་ན། རི་མོའི་སྒྲུང་དེབ་བམ་པར་རིས་ཡོད་པའི་ཟ་ཁང་གི་ཟས་ཐོ་ལྟ་བུ།

ལག་ལེན་གྱི་དྲན་ཐོ། འགྱུར་གྱི་སྤུས་ཚད་ཞིབ་འཇུག་གི་ལག་ལེན་དྲན་ཐོ།

8. Resources and Useful References

9. Risks and risk reduction

11. Work Items ལས་ཀའི་འཆར་གཞི།

Stage 1. Project Preparation ལས་འཆར་གྱི་གྲ་སྒྲིག

Stage 3. Review བསྐྱར་ཞིབ།